Drikhung Kagyupa Monastic Institute

འབྲི་གུང་བཀའ་དགོན་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་།

Drikhung Kagyupa Monastic Institute

Bylakupee, Karnataka India

Co-coordinator: Tsewang Tharchin

Ph: 91-8223-254758

འབྲི་གུང་བཀའ་དགོན་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་།  ༪༲༯༲ལོར་རྒྱ་གར་ལྷོ་ཕྱོགས་མའི་སོར་སྦེ་ལ་ཀོ་སྤིས་ས་གནས་སུ་འབྲི་གུང་ཆོས་རྗེ་ཨཱ་དབྱངས་རིན་པོ་ཆེ་ནས་ཕྱག་བཏབ། དགོན་པའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཉམས་གསོའི་ཆེད་དུ་བཤད་གྲྭྭ་སློབ་གྲྭ་དང་གྲྭ་ཚང་བཅས་བཙུགས་ཡོད།
དགོན་པའི་ཉིན་རེའི་ནང་དུ་དུས་མཆོད་དང་ཟླ་རེའི་ནང་དུས་མཆོད་དང་ལོ་རེའི་ནང་དུས་མཆོད་སྒྲུབ་མཆོད་ཚུགས་ཀྱིན་ཡོད་རེད།
ད་བར་སྤྱི་ཚོགས་ནང་ཕན་པའི་ལས་འགུལ་བརྩམས་པ་ལམ་བཟོ་དང་སྨན་བཅོས་སོགས་བྱས་ཡོད།   བོད་ལ་འབྲོག་པའི་ས་ཁུལ་དུ་དཀའ་ངལ་ཆེ་ས་ལ་ཤེས་ཡོན་གྱི་གཏན་འཇགས་སློབ་གྲྭ་བཙུགས་ཡོད།   བུ་མེད་རྣམས་ཕྲུ་གུ་སྐྱེས་སྐབས་མ་བུ་གཉིས་ཀ་འཆི་རྐྱེན་གྱི་དཀའ་ངལ་སེལ་ཆེད་དུ་སྨན་ཁང་ཡང་བཙུགས་ཡོད།   འགྲོ་བ་མིའི་སེམས་བརྒྱུད་ལ་བྱམས་དང་སྙིང་རྗེ་གོང་འཕེལ་དུ་བཏང་ཐུབ་ན་ཕྱིའི་འབྱུང་བ་ལ་གནོད་འཚེ་མི་ཡོང་བ་དང་།   རི་དང་མཚོ་ལ་གནས་པའི་སེམས་ཅན་སྲོག་ཆགས་དེ་དག་ལ་སྲོག་སྐྱབས་ཡོང་ཆེད་དུ་སྒྲུབ་གྲྭ་བཙུགས་པ་སོགས་བྱ་བ་གང་འཚམས་བྱས་དང་བྱེད་བཞིན་ཡོད་བཅས་དགོན་པའི་ལོ་རྒྱུས་སུ་མདོར་བསྡུས་ཡིན།
རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ནང་བཞུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ནི་ང་མཚོ་འགྲོ་བ་མིས་ཕྱིའི་འབྱུང་བ་ལ་གཏོར་ཤིག་དང་བེད་སྤྱོད་ཚད་ལས་འགལ་བ་གཏོང་རྐྱེན་གྱིས་གུ་རུ་རིན་པོ་ཆེས་གསུང་བཞིན་འབྱུང་བ་དགྲ་རུ་ལངས་ནས་གནོད་འཚེ་ཤུགས་ཆེན་བྱུང་བ་འདི་ལ་བརྟེན་ནས་ཁོར་ཡུག་གི་སྲུང་སྐྱོབས་ཧ་ཅང་ཛ་དྲག་གལ་ཆེན་པོ་རེད་བསམ་གྱི་འདུག  ཡིད་བཞིན་ནོར་བུ་༧རྒྱལ་བ་ཀརྨ་པ་མཆོག་ནས་ཁོར་ཡུག་སྲུང་སྐྱོབས་ཐོག་ལ་ཐུགས་འཁུར་ཆེན་པོ་གནང་གི་ཡོད་རེད། རྒྱུ་མཆན་འདི་དག་ལ་བརྟེན་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ལ་བཞུགས་རྒྱུའི་བསམ་བློ་བྱུང་བ་རེད།

Participating Monasteries